1 Kings 16
15 ཨ་སས་ཡ་ཧུ་དཱ་ལ་རྒྱལ་པོ་བྱས་པའི་ལོ་ཉི་ཤུ་རྩ་བདུན་པར། ཟིམ་རི་ཡིས་ཏིར་ཛཱ་རུ་ཉིན་མ་བདུན་གྱི་རིང་རྒྱལ་པོ་བྱས་སོ། སྐབས་དེར་དམག་མི་རྣམས་ཕེ་ལེ་ཤེད་པའི་གྲོང་ཁྱེར་གིབ་བེ་ཐོན་དུ་སྒར་བརྒྱབ་ནས་ཡོད་དོ།
18 ཟིམ་རི་ཡིས་གྲོང་ཁྱེར་ཤོར་བ་མཐོང་ངོ་། ཁོ་རྒྱལ་པོའི་ཕོ་བྲང་གི་ནང་མའི་ཁང་མིག་ཏུ་བྲོས་སོ། ཁོས་རང་ཉིད་ནང་དུ་བསྡད་དེ་ཕོ་བྲང་ལ་མེ་བརྒྱབ་བོ། ཁོ་མེ་ནང་དུ་ཤི་ཡོད།
21 དེ་ནས་ཡི་སི་ར་ཨེལ་གྱི་མི་དམངས་ཁག་གཉིས་སུ་ཆད་དོ། ཕྱེད་ཀས་གི་ནད་ཀྱི་བུ་ཏིབ་ནི་རྒྱལ་པོ་བྱེད་འདོད་དོ། ཕྱེད་ཀས་ཨོམ་རི་འདོད་དོ།
29 ཨ་སས་ཡ་ཧུ་དཱ་ལ་རྒྱལ་པོ་བྱས་པའི་ལོ་སུམ་ཅུ་སོ་བརྒྱད་པར། ཨོམ་རིའི་བུ་ཨ་ཧབ་ཀྱིས་ཡི་སི་ར་ཨེལ་གྱི་རྒྱལ་ཁྲི་བཟུང་ངོ་། ཨ་ཧབ་ཀྱིས་ས་མ་རི་ཡཱ་ནས་ཡི་སི་ར་ཨེལ་ལ་ལོ་ཉི་ཤུ་རྩ་གཉིས་ཀྱི་རིང་རྒྱལ་པོ་བྱས་སོ།