1 Kings 15

25 ཨ་སས་ཡ་ཧུ་དཱ་ལ་རྒྱལ་པོ་བྱས་པའི་ལོ་གཉིས་པར། ཡེ་རོ་བོ་ཨམ་གྱི་བུ་ན་དབ་ཀྱིས་ཡི་སི་ར་ཨེལ་གྱི་རྒྱལ་ཁྲི་བཟུང་ངོ་། ན་དབ་ཀྱིས་ཡི་སི་ར་ཨེལ་ལ་ལོ་གཉིས་ཀྱི་རིང་རྒྱལ་པོ་བྱས་སོ།

27 ཨི་ས་ཀར་གྱི་ཚོ་པ་ནས་ཡིན་པའི་ཨ་ཧི་ཡཱའི་བུ་བྷ་ཤཱས་ན་དབ་ལ་ངོ་ལོག་བྱེད་པའི་གསང་བའི་གྲོས་ངན་བཤམས་སོ། ན་དབ་དང་ཡི་སི་ར་ཨེལ་ཡོངས་ཀྱིས་ཧུར་ཐག་གིས་དམག་རྒྱག་བཞིན་པའི་སྐབས་སུ། བྷ་ཤཱས་ཕེ་ལེ་ཤེད་པའི་གྲོང་ཁྱེར་གིབ་བེ་ཐོན་དུ་ན་དབ་བསད་དོ།

29 བྷ་ཤཱ་རྒྱལ་པོའི་ཁྲི་ལ་བསྡད་མ་ཐག ཁོང་གིས་ཡེ་རོ་བོ་ཨམ་གྱི་ནང་མི་ཚང་མ་བསད་དོ། ཡེ་རོ་བོ་ཨམ་གྱི་ཁྲག་རྒྱུད་ཡིན་པ་གཅིག་ཀྱང་གསོན་པོར་མ་བཞག་གོ། དཀོན་མཆོག་ཡ་ཝེས་ཤི་ལོ་པ་ཨ་ཧི་ཡཱ་བརྒྱུད་ནས་གསུངས་པ་ནང་བཞིན། ཁོང་གིས་མི་ཚང་དེ་ཡོངས་རྫོགས་རྩ་མེད་བཏང་ངོ་།