Genesis 1

1 འགོ་སྟོད་དུ། དཀོན་མཆོག་གིས་འོག་གི་ས་གཞི་དང་སྟེང་གི་ནམ་མཁའ་སྟེ་ཐམས་ཅད་བཀོད་པ་གནང་བ་རེད།

6 དཀོན་མཆོག་གིས་ཡང་བསྐྱར། "བར་སྟོང་ཞིག་གིས་ཆུ་དེ་གཉིས་སུ་དབྱེ་བར་གྱུར་ཅིག" ཅེས་གསུངས་པ་རེད།

9 དཀོན་མཆོག་གིས་ཡང་བསྐྱར། "ཆུ་རྣམས་གནས་གཅིག་ཏུ་འདུ་བར་གྱུར་ཅིག ས་སྐམ་པོ་ཐོན་པར་གྱུར་ཅིག" ཅེས་གསུངས་ཤིང་དེ་ལྟར་བྱུང་བ་རེད།

11 དཀོན་མཆོག་གིས་ཡང་བསྐྱར། "ས་གཞི་ལས་རྩི་ཤིང་རྣམས་སྐྱེ་བར་གྱུར་ཅིག རྩྭ་དང་། ནང་དུ་ས་བོན་ཡོད་པའི་ཤིང་ཏོག་གི་ཤིང་སྡོང་རྣམས་སྐྱེ་བར་གྱུར་ཅིག" ཅེས་གསུངས་ཤིང་དེ་ལྟར་བྱུང་བ་རེད།

14 དཀོན་མཆོག་གིས་ཡང་བསྐྱར། "ཉིན་མཚན་དབྱེ་བ་དང་། ནམ་དུས་དང་ཉིན་མ། ལོ་རྣམས་མཚོན་པའི་ཆེད་དུ་ནམ་མཁའི་ནང་འོད་རྣམས་དཔྱང་བར་གྱུར་ཅིག" ཅེས་གསུངས་པ་རེད།