1 Kings 13

1 དེ་མ་ཐག་ཏུ་དཀོན་མཆོག་གི་མི་ཞིག་ཡུ་དཱ་ནས་སླེབས་པ་རེད། ཡ་ཝེས་ཁོ་ལ་བཤད་རྒྱུའི་སྐད་ཆ་བསྐུར་ནས་བཏང་བ་རེད། ཡེ་རོ་བྷོ་ཨམ་མཆོད་གཤོམ་གྱི་འགྲམ་དུ་སྤོས་བདུག་ནས་ལངས་བསྡད་ཡོད།

6 རྒྱལ་པོས་དཀོན་མཆོག་གི་མི་ལ། "སྐུ་མཁྱེན། ངའི་ཆེད་དུ་རང་གི་དཀོན་མཆོག་ཡ་ཝེ་ལ་ཞུ་བ་འཐེན་རོགས། ངའི་ལག་པ་ཡང་བསྐྱར་ལས་ཀ་བྱེད་ཐུབ་པའི་ཆེད་དུ་སྨོན་ལམ་རྒྱག་རོགས།" ཞེས་ལབ་པ་རེད། དཀོན་མཆོག་གི་མི་དེས་ཡ་ཝེ་ལ་སྨོན་ལམ་བརྒྱབ་པ་རེད། རྒྱལ་པོའི་ལག་པ་སྔོན་མ་ནང་བཞིན་ཆགས་པ་རེད། དེས་ཡང་བསྐྱར་ལས་ཀ་བྱས་པ་རེད།

11 ལུང་སྟོན་པ་རྒད་པོ་ཞིག་བྷེ་ཐེལ་དུ་སྡོད་ཀྱི་ཡོད། ཁོའི་བུ་ཚོ་ནང་ལ་ཡོང་བ་རེད། ཁོ་ཚོས་ཉིན་དེར་དཀོན་མཆོག་གི་མི་དེས་བྷེ་ཐེལ་དུ་ག་རེ་བྱས་པ་ཚང་མ་ཁོ་ལ་བཤད་པ་རེད། ཁོས་རྒྱལ་པོར་ག་རེ་ལབ་པ་དེ་ཚོའང་ཁོ་ལ་བཤད་པ་རེད།

23 ཁོ་གཉིས་ཁ་ལག་ཟས་ཚར་བའི་རྗེས་སུ། ལུང་སྟོན་པ་རྒད་པོས་ཁོའི་ཆེད་དུ་བུང་བུའི་སྒང་ལ་སྒ་བསྟད་པ་རེད།