1 Kings 12
1 རེ་ཧོ་བྷོ་ཨམ་ཤེ་ཀེམ་དུ་ཕྱིན་པ་རེད། ཁོ་རྒྱལ་པོར་བསྐོ་བའི་ཆེད་དུ་ཨིས་རེལ་ཚང་མ་དེར་ཡོང་བ་རེད།
16 མི་ཚོས་རྒྱལ་པོས་ཁོ་ཚོར་སྣང་བ་མ་བཏང་བ་མཐོང་བ་རེད། ཁོ་ཚོས་ཚུར་སྐད་ལོག་བརྒྱབ་པ། "ང་ཚོ་དཱ་བིད་དང་འབྲེལ་བ་གང་ཡང་མེད། ཡེ་ཤེའི་བུས་ང་ཚོར་གང་ཡང་སྤྲོད་ཀྱི་མེད། ཨིས་རེལ། ནང་ལ་རྒྱུགས། དཱ་བིད། ཁྱོད་རང་གི་ནང་མིར་ལྟ་རྟོག་བྱོས།" ཨིས་རེལ་ཁ་ཕྱིར་འཁོར་ནས་ཕྱིན་པ་རེད།
17 ཡིན་ནའང་རེ་ཧོ་བྷོ་ཨམ་གྱིས་ཡུ་དཱའི་གྲོང་རྡལ་ནང་སྡོད་མཁན་གྱི་ཨིས་རེལ་པ་ཚོར་ད་དུང་དབང་སྒྱུར་བྱས་པ་རེད།
20 ཨིས་རེལ་ཚང་མས་ཡེ་རོ་བྷོ་ཨམ་ཚུར་ལོག་ཡོང་བ་གོ་བ་རེད། ཁོ་ཚོས་ཁོ་འབོད་དུ་མི་བཏང་བ་རེད། ཁོ་ཚོས་ཁོ་ཨིས་རེལ་ཚང་མའི་སྟེང་དུ་རྒྱལ་པོར་བསྐོས་པ་རེད། ཡུ་དཱ་གཅིག་པུ་དཱ་བིད་ཀྱི་ཁྱིམ་ཚང་དང་མཉམ་དུ་བསྡད་པ་རེད།
21 རེ་ཧོ་བྷོ་ཨམ་ཡེ་རུ་ཤ་ལེམ་དུ་འབྱོར་བ་རེད། ཁོས་ཡུ་དཱ་དང་བྷེན་ཡ་མིན་མཉམ་དུ་བསྡུས་པ་རེད། དམག་མི་ཆིག་འབུམ་བརྒྱད་ཁྲི་རེད། ཁོ་ཚོས་ཨིས་རེལ་ལ་དམག་བརྒྱབ་ནས་སོ་ལོ་མོན་གྱི་བུ་རེ་ཧོ་བྷོ་ཨམ་གྱི་ཆེད་དུ་རྒྱལ་ཁམས་ཚུར་ལེན་པར་གྲ་སྒྲིག་བྱས་ཡོད།