Genesis 6

1 མི་རྣམས་ས་གཞིའི་སྟེང་དུ་མང་དུ་འཕེལ་ཞིང་། ས་ཕྱོགས་ཀུན་ཏུ་བྱིས་པ་མང་པོ་སྐྱེས་སོ། །དེ་དག་ལས་མང་པོ་ཞིག་བུ་མོ་ཡིན་ཞིང་དེ་དག་ནར་སོན་ནས་བུད་མེད་དུ་གྱུར་ཏོ། །

3 ཡ་ཝཱེས། "ངའི་དབུགས་ཀྱིས་མི་དང་མཉམ་དུ་གཏན་དུ་འཐབ་རྩོད་མི་བྱེད། ཁོང་ཚོ་ནི་ཤ་དང་ཁྲག་ལས་གྲུབ་པ་ཙམ་རེད། ངས་ཁོང་ཚོ་ལ་ལོ་ ༡༢༠ སྟེར་ངེས་ཡིན།" ཞེས་གསུངས་སོ། །

4 དུས་དེ་དག་གི་སྐབས་སུ་ས་གཞིའི་སྟེང་དུ་མི་གཟུགས་པོ་ཆེན་པོ་ཅན་རྣམས་ཡོད་དེ། དེ་དག་ནི་ནེ་ཧྥི་ལིམ་རྣམས་རེད། དཀོན་མཆོག་གི་བུ་རྣམས་ཀྱིས་མི་ཡི་བུ་མོ་དག་ཆུང་མར་བླངས་པས། བུད་མེད་དེ་དག་ལ་བྱིས་པ་སྐྱེས་སོ། །བྱིས་པ་དེ་དག་ནར་སོན་ནས་མི་ཚང་མས་ཤེས་པའི་དམག་མི་དཔའ་བོ་རྣམས་སུ་གྱུར་ཏོ། །

5 ཡ་ཝཱེས་ས་གཞི་ལ་གཟིགས་སོ། །མི་ཚང་མའི་སེམས་ནང་གི་བསམ་བློ་ཡོད་ཚད་ངན་པ་རྐྱང་རེད། ཉིན་མཚན་དུས་རྟག་ཏུ་ངན་པ་ཁོ་ན་ལས་མི་འདུག

7 ཡ་ཝཱེས། "ངས་མི་ཚང་མ་ས་གཞིའི་སྟེང་ནས་མེད་པར་བཟོ་ངེས་ཡིན། མི་དང་། སེམས་ཅན། འབུ་སྲིན། ནམ་མཁའི་བྱ་བཅས་ཚང་མ་རྩ་མེད་བཟོ་རྒྱུ་ཡིན། ངས་དེ་དག་བཟོས་པར་ཐུགས་འགྱོད་སྐྱེས་སོང་།" ཞེས་གསུངས་སོ། །