Genesis 46
1 ཨི་ཟི་རེལ་གྱིས་རང་ལ་ཡོད་པའི་ཅ་ལག་ཚང་མ་བསྒྲིགས་པ་རེད། ཁོང་ལམ་ལ་ཆས་པ་རེད། ཁོང་བྷེར་ཤེ་བྷར་བསྡད་པ་རེད། དེར་ཁོང་གིས་སེམས་ཅན་བསད་ནས་རང་གི་ཕ་ཨི་སཱག་གི་དཀོན་མཆོག་ལ་མཆོད་པ་ཕུལ་བ་རེད།
5 ཡ་ཀོབ་བྷེར་ཤེ་བྷ་ནས་ཡར་ལངས་པ་རེད། ཁོང་གི་བུ་ཚོས་ཁོང་ཕར་ཨོས་བཏང་བའི་ཤིང་རྟ་འཁོར་ལོའི་ནང་ལ་བཞག་པ་རེད། ཁོང་ཚོས་རང་གི་ཕྲུ་གུ་ཆུང་ཆུང་དང་ཆུང་མ་ཚོའང་དེའི་ནང་བཞག་པ་རེད།
28 ཡ་ཀོབ་ཀྱིས་ཡུ་དཱ་སྔོན་ལ་ཇོ་སེབ་འཚོལ་བར་བཏང་བ་རེད། ཡུ་དཱས་ཁོང་ཚོར་གོ་ཤེན་དུ་འགྲོ་སའི་ལམ་ཁ་སྟོན་གྱི་རེད། དེ་ནས་ནང་མི་ཚང་མ་གོ་ཤེན་དུ་འབྱོར་བ་རེད།
29 ཇོ་སེབ་ཀྱིས་རང་གི་ཤིང་རྟ་འཁོར་ལོ་གྲ་སྒྲིག་བྱས་པ་རེད། ཁོ་རང་གི་ཕ་ཨི་ཟི་རེལ་ལ་ཐུག་པར་གོ་ཤེན་དུ་མགྱོགས་པོར་རྒྱུགས་ཕྱིན་པ་རེད། ཁོང་མཐོང་མ་ཐག་ཏུ། ཇོ་སེབ་ཀྱིས་རང་གི་ཕའི་སྐེ་ལ་འཐམ་པ་རེད། ཁོས་དུས་ཚོད་རིང་པོའི་བར་དུ་མང་པོ་ངུས་པ་རེད།
31 ཇོ་སེབ་ཀྱིས་རང་གི་སྤུན་མཆེད་ཚོ་དང་ཕའི་ནང་དུ་ཡོད་པ་ཚང་མར་བཤད་པ། "ང་ཕར་ཨོ་ལ་ཐུག་པར་འགྲོ་གི་ཡིན། ངས་ཁོང་ལ། ཁྱོད་ཚོ་ང་དང་མཉམ་དུ་སྡོད་པར་ཀ་ནཱན་ནས་ཡོང་བ་རེད་ཅེས་བཤད་ཀྱི་ཡིན།"