Genesis 35

1 དཀོན་མཆོག་གིས་ཡ་ཀོབ་ལ། "ཡར་ལོངས། བེ་ཐེལ་ལ་སོང་ལ་དེར་སྡོད། ངའི་ཆེད་དུ་མཆོད་ཁྲི་ཞིག་བཟོས། ཁྱོད་རང་ཨེ་སོ་ལས་བྲོས་པའི་སྐབས་སུ་ངས་ཁྱོད་ལ་མངོན་པའི་དཀོན་མཆོག་དེ་ང་ཡིན་" ཞེས་གསུངས་པ་རེད།

16 ཁོང་ཚོ་བེ་ཐེལ་ནས་ཐོན་པ་རེད། ཁོང་ཚོ་ཨེཕ་རཱတ်གྱི་ཉེ་འགྲམ་དུ་སླེབས་བཞིན་ཡོད། རཱ་ཧེལ་ལ་ཕྲུ་གུ་སྐྱེ་འགོ་ཚུགས་པ་རེད། ན་ཟུག་སྡུག་ཅག་འདུག ཧ་ཅང་སྡུག་ཅག་འདུག

21 ཨིས་ར་ཨེལ་མདུན་དུ་སོང་བ་རེད། ཁོང་གིས་ཨེ་དེར་གྱི་མཁར་རྫོང་བརྒལ་ནས་རང་གི་གུར་ཕུབ་པ་རེད།

22 ཨིས་ར་ཨེལ་དེར་བསྡད་པའི་སྐབས་སུ། རུ་བྷེན་གྱིས་བྱ་བ་ངན་པ་ཞིག་བྱས་པ་རེད། ཁོང་བྷིལ་ཧཱ་དང་མཉམ་དུ་ཉལ་བ་རེད། མོ་ནི་ཁོང་གི་པ་ཕའི་ཆུང་མ་རེད། ཨིས་ར་ཨེལ་གྱིས་རུ་བྷེན་གྱིས་ག་རེ་བྱས་པ་གོ་བ་རེད། ཡ་ཀོབ་ལ་བུ་བཅུ་གཉིས་ཡོད་པ་རེད།

23 ལེ་ཨཱ་ཡིས་ཁོང་ལ་དྲུག་སྐྱེས་པ་རེད། རུ་བྷེན། སི་མེ་ཨོན། ལེ་བི། ཡ་ཧུ་དཱ། ཨི་ས་ཁར། ཟེ་བུ་ལུན།