Genesis 18

1 ཡ་ཝེ་མམ་རེ་ཡི་ཉེ་འགྲམ་གྱི་སྡོང་པོ་ཆེན་པོ་དེ་ཚོའི་རྩར་ཞལ་གཟིགས་པ་རེད། ཨབ་ར་ཧམ་ཁོང་གི་གུར་གྱི་སྒོ་འགྲམ་ལ་བསྡད་ཡོད་པ་རེད། ཉི་མ་ཏག་ཏག་ཐད་ཀར་ནས་ཚ་པོ་འཆར་གྱི་ཡོད་པ་རེད།

16 མི་དེ་ཚོ་ཡར་ལངས་པ་རེད། ཁོང་ཚོས་སོ་དོམ་གྱི་ཕྱོགས་སུ་བལྟས་པ་རེད། ཨབ་ར་ཧམ་ཁོང་ཚོ་སྐྱེལ་མ་བྱེད་པར་མཉམ་དུ་སོང་བ་རེད།

22 མི་དེ་ཚོ་ཁ་ཕྱིར་བསྐོར་ནས་སོ་དོམ་ཕྱོགས་སུ་ཕྱིན་པ་རེད། ཡིན་ནའང་ཨབ་ར་ཧམ་ཡ་ཝེའི་མདུན་དུ་དེ་གར་ལངས་ནས་བསྡད་པ་རེད།

26 ཡ་ཝེས། "གལ་ཏེ་ངས་སོ་དོམ་དུ་མི་ཡག་པོ་ལྔ་བཅུ་རྙེད་ན། ཁོང་ཚོའི་ཆེད་དུ་ངས་གྲོང་ཁྱེར་ཡོངས་རྫོགས་སྐྱོབ་ཀྱི་ཡིན།"ཞེས་གསུངས་པ་རེད།