1 Kings 8

1 དེ་ནས་སོ་ལོ་མོན་གྱིས་ཨིས་ར་ཨེལ་གྱི་རྒན་པོ་ཚང་མ་མཉམ་དུ་སྐད་བཏང་། ཚོ་པའི་འགོ་ཁྲིད་རེ་རེ། ནང་མིའི་འགོ་ཁྲིད་རེ་རེ། ཁོ་ཚོ་ཡ་ཝེའི་ཞལ་ཆད་དམ་བཅའ་ཡོད་པའི་སྒམ་དེ་ཛི་ཡོན་ཞེས་འབོད་པའི་དཱ་བིད་ཀྱི་གྲོང་ཁྱེར་ནས་ཡར་འཁྱེར་བར་ཡེ་རུ་ཤ་ལེམ་ལ་འཛོམས་པ་རེད།

6 བླ་མ་ཚོས་ཡ་ཝེའི་ཞལ་ཆད་དམ་བཅའ་ཡོད་པའི་སྒམ་དེ་རང་གི་ས་ཆར་འཁྱེར། ཁོ་ཚོས་དེ་ལྷ་ཁང་གི་ནང་མི་ཁང་པའམ་གནས་དམ་པ་དེའི་ནང་ལ་གསེར་གྱི་གཤོག་པ་ཅན་གྱི་སེམས་ཅན་ཚོའི་གཤོག་པའི་འོག་ཏག་ཏག་ལ་མར་བཞག་པ་རེད།

10 དེ་ནས་བླ་མ་ཚོ་གནས་དམ་པ་དེ་ནས་ཕྱི་ལ་ཐོན་པའི་སྐབས་སུ། སྤྲིན་པ་མཐུག་པོ་ཞིག་ཡ་ཝེའི་ལྷ་ཁང་ནང་ལ་འཛུལ་ཡོང་། དེས་ཟུར་རེ་རེ་དང་བར་སྟོང་རེ་རེ་ཁེངས་སོང་།